Tribute to Kusho Palden Gyatso. A true Tibetan Hero.
བོད་ཀྱི་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་དཔལ་ལྡན་རྒྱ་མཚོ་ལགས་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་ཚོགས་མི་ཡོངས་ནས་རྒྱལ་གཅེས་པ་ཁོང་གི་འགྱུར་བ་མེད་པའི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་དྲན་གྱིས་མྱ་ངན་གུས་འདུད་ཞུ།
བོད་ཀྱི་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་དཔལ་ལྡན་རྒྱ་མཚོ་ལགས་ནི་རྒྱ་དམར་གྱི་བཙོན་ཁང་ནང་ལོ་ངོ་ ༣༣ ཙམ་བཙན་གནོན་མནར་གཅོད་མྱོང་ཡོད་པ་དང་། བཙོན་གྲོལ་ཐོབ་རྗེས་བཙན་བྱོལ་དུ་ཕེབས་ནས་བོད་མི་འདས་གསོན་གཉིས་ཀྱི་མངོན་འདོད་བསྒྲུབ་ཆེད་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་མི་ཚེ་ཧྲིལ་པོར་བོད་དོན་ཐོག་ཕྱག་ལས་གནང་ཡོད་པ་མ་ཟད། སྤྱི་ལོ་ ༢༠༠༦ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟས་བཅད་ལས་འགུལ་ལ་མཉམ་བཞུགས་དང་། ཁོང་དང་ཡོ་རོབ་བོད་མིའི་སྤྱི་འཐུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་མཉམ་རུབ་ཐོག་རྒྱ་དམར་གྱི་འགོ་ཁྲིད་སེ་པན་ཁྲིམས་ཁང་ལ་ཞུ་གཏུགས་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།







