བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུང་ཐད་གོ་བསྡུར་སྦྱང་བཤད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༧ ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་རྣམས་ནས་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་སུན་ཡོའུ་ལཱན་ (Mr. SUN You-lian) མཆོག་དང་། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བཀྲ་ཤིས་ཚེ་རིང་མཆོག བོད་དོན་རྒྱབ་སྐྱོར་བ་ལྕམ་ལིའོ་ཧུའེ་ཕང་ (Ms. LIAO Hui-Fang) མཆོག་བཅས་དང་ལྷན་བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུང་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁག་ཅིག་ནས་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་གདུང་སྲས་བགྲེས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་ཕྱི་དབང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁག་ཅིག་ནས་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་གདུང་སྲས་བགྲེས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་ཕྱི་དབང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ད་ཐེངས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་གེགས་མེད་ལམ་ལྷོང་ཡོང་བར་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་ཀྱང་ཞུ་རྒྱུ་བྱུང་ཡོད།

རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ་དང་མཇལ་འཕྲད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་བདེ་སྐྱིད་གླིང་ས་གནས་གཞོན་ལྷན་གྱི་དྲུང་ཆེ་པ་སངས་ལགས། གཞོན་ལྷན་དྲྭ་རྒྱ་དོ་དམ་པ་བསྟན་འཛིན་བློ་བཟང་ལགས་བཅས་ནས་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་ཇེ་ཀོ་ཐི་ཡལ་མཆོག བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨིན་དྷིར་པལ་སེང་མཆོག་དང་སྐུ་ཞབས་ན་ཝིན་པར་ཤལ་སོགས་དང་མཇལ་འཕྲད་ཀྱིས་རྐང་འཁོར་སྐོར་སྐྱོད་ཀྱི་དགོས་དམིགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་བྱུང་བ་མ་ཟད། སང་ཉིན་རྐང་འཁོར་སྐོར་སྐྱོད་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་ཡང་ཐོབ་ཡོད།

འཛམ་གླིང་གཙང་པོ་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༢ འཛམ་གླིང་གཙང་པོ་ཉིན་མོ་སྲུང་བརྩི་དང་སྤྱིར་ཁོར་ཡུག་སྲུང་སྐྱོབས། ལྷག་པར་དུ་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་ཆེད། དེ་བཞིན་རང་རེའི་སྐྱབས་བཅོལ་ཞུ་ཡུལ་ས་གནས་གཞུང་དམངས་གཉིས་ལ་བཀའ་དྲིན་མཚོན་ཆེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བདེ་དོན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢ བར་བྷག་སཱུ་རྒྱུགས་ཆུའི་ནང་གི་ཤེལ་དམ་དང་འགྱིག་ཤོག་རིགས་གཙང་བཟོའི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཉིན་རྒྱབ་བོད་ཀྱི་གཙང་ཆུ་དང་འབྲེལ་ཚོགས་འདུ་ཞིག་ཅང་གོ་སྒྲིག་ཞུ་རྒྱུ་བྱུང་ཡོད།

རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གཙོས་པའི་ཤེས་རིག་སློབ་གཉེར་ཁང་རྣམས་བཙན་གྱིས་སྒོ་རྒྱབ་པར་ངོ་རྒོལ་དང་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་སླད་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་སྐད་འབོད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༥།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་བཞུགས་སྒར་ཁུལ་གྱི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བརྒྱད་ཀྱི་ངོས་ནས་རྒྱ་དམར་སྲིད་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གཙོས་པའི་ཤེས་རིག་སློབ་གཉེར་ཁང་རྣམས་བཙན་གྱིས་སྒོ་རྒྱབ་པར་ངོ་རྒོལ་དང་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་སླད་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་སྐད་འབོད་ཀྱི་མར་མེ་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་རྒྱུ་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ནས་ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་དང་ལྷན་དགོང་དྲོའི་གསོལ་སྟོན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ནས་ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སུན་ཡོའུ་ལཱན་ (Mr. SUN You-lian) མཆོག་དང་ལྕམ་ལིའོ་ཧུའེ་ཕང་ (Ms. LIAO Hui-Fang) མཆོག་གཙོས་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་དང་བོད་དོན་ལས་འགུལ་བ་བཀྲ་ཤིས་ཚེ་རིང་མཆོག་བཅས་དང་ལྷན་དགོང་དྲོའི་གསོལ་སྟོན་ལ་མཉམ་རོལ་ཞུ་རྒྱུ་བྱུང་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ངོ་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་དང་། གཞན་ཡང་ནིའུ་ཡོག་ས་གནས་རྒྱུན་ལས་ཟུར་པ་འཆི་མེད་ལགས་དང་བསོད་ནམས་ལགས། བོད་དོན་ལས་འགུལ་བ་བསམ་གཏན་ཡེ་ཤེས་མཆོག་བཅས་ཆེད་ཕེབས་གནང་ཡོད་པ་མ་ཟད། བོད་ཀྱི་གཞས་པ་གྲགས་ཅན་ཇོ་ལགས་བཀྲས་ཆུང་ལགས་གདན་ཞུས་ཐོག་གཞས་ཁག་ཅིག་ལ་ཡང་མཉམ་རོལ་ཞུ་རྒྱུ་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དང་སྒྲིག་འཛུགས་འགན་འཛིན་རྣམ་གཉིས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་འཚམས་གཟིགས།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་མཆོག་དང་སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་རྣམ་གཉིས་ནས་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་བོད་རིགས་མང་ཚོགས་རྣམས་ལ་ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས། གཞན་ཡང་ད་ལྟའི་ཆར་ཆོལ་གསུམ་བོད་རིགས་ནང་ཁུལ་ཆིག་སྒྲིལ་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད་པ་མ་ཟད། ས་གནས་གཞོན་ལྷན་གྱི་རྒྱུན་ལས་གསར་འདེམས་ཐོག་རྒྱུན་ལས་གསར་བརྙིང་དབར་རྩིས་སྤྲོད་རྩིས་ལེན་སོགས་ཀྱི་ལས་དོན་གང་ལེགས་བྱུང་ཡོད།

ལྷོ་ཤར་ཨེ་ཤེ་ཡའི་གནད་ཡོད་མི་སྣ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་དུ་དམིགས་བསལ་མགྲོན་འབོད།

 

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཧོང་ཀོང་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ལས་འགུལ་བ་སང་པུ་ (SANG PU) དང་། བྷར་མའི་མང་གཙོ་དང་རང་དབང་འཐབ་རྩོད་པ་དྷུ་ཀེ་ཀེ་(DU KEKE) གཉིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་དམིགས་བསལ་མགྲོན་འབོད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོ་བོ་དང་དམིགས་ཡུལ་སོགས་ངོ་སྤྲོད་དང་ཚོགས་པའི་གལ་གནད། གཞན་ཡང་དགྲ་བོ་རྒྱ་དམར་སྲིད་གཞུང་གི་གནོན་ཤུགས་དང་བཙན་འཛུལ་ལ་འགོག་རྒོལ་གདོང་ལེན་བྱེད་ཕྱོགས་སོགས་དང་འབྲེལ་བའི་གོ་བསྡུར་གང་ལེགས་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཤི་ཀུ་མཱར་མཆོག གཞན་ཡང་ཀང་ར་རྫོང་ཁོངས་ཀྱི་བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝི་ཤཱལ་སིང་ནེ་རི་ཡ་མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐད་བཀའ་བསྡུར་ལྷུག་པོ་བྱུང་ཡོད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༥ ཉིན་གྱི་ཉིན་རྒྱབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཤི་ཀུ་མཱར་མཆོག གཞན་ཡང་ཀང་ར་རྫོང་ཁོངས་ཀྱི་བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝི་ཤཱལ་སིང་ནེ་རི་ཡ་མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐད་བཀའ་བསྡུར་ལྷུག་པོ་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དང་སྒྲིག་འཛུགས་འགན་འཛིན་ཧོ་ལན་ཌ་རུ་མཚམས་གཟིགས།

ཧོ་ལན་ཌ་བོད་རིགས་ཚོགས་པའི་མཐུན་འགྱུར་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་དང་སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་རྣམ་གཉིས་ནས་ཧོ་ལན་ཌ་བོད་རིགས་མང་ཚོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་ཀྱི་གལ་གནད། གཞན་ཡང་ད་ལྟའི་ཆར་ཆོལ་གསུམ་བོད་རིགས་ནང་ཁུལ་སྡོག་རྩ་ཆིག་སྒྲིལ་ངང་ནུས་པ་མཉམ་སྤུང་གིས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་དང་འགོག་རྒོལ་གྱི་ལས་འགུལ་སྤེལ་དགོས་གལ་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད། སྐབས་དེར་ཧོ་ལན་ཌ་བོད་རིགས་ཚོགས་པས་རྒྱབ་སྐྱོར་སྣེ་ལེན་གང་ལེགས་དང་། བོད་རིགས་མང་ཚོགས་ནས་ཀྱང་རྒྱབ་སྐྱོར་ཤུགས་ཆེར་གནང་སོང་བས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

Back To Top