བོད་དོན་རྒྱབ་སྐྱོར་བ་ཨིནསེ་ཁན་ཊར་ (Enes Kanter) མཆོག་ལ་ཐུགས་རྗེ་ཆེ་ཞུའི་སིལ་སྤོལ་རྩེད་འགྲན།

ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་། རྡ་ས་ས་གནས་གཞོན་ནུ་གཉིས་ཟུང་སྦྲེལ་གྱིས། ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨིནསེ་ཁན་ཊར་མཆོག་ནས་བོད་དང་བོད་མིའི་བདེན་པའི་འཐབ་རྩོད་ཆེད་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱབ་སྐྱོར་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་ཐེར་འདོན་དང་། སྐྱོན་བརྗོད་ནན་པོ་བྱས་པར་ཐུགས་རྗེ་ཆེ་ཞུའི་སིལ་སྤོལ་རྩེད་འགྲན་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་ཏེ། རྡ་སས་གནས་གཞོན་ནུའི་རུ་ཁག་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་རུ་ཁག་གཉིས་བར་རྩེད་འགྲན་ལེགས་གྲུབ་ཀྱིས་འཕྲེད་དར་དང་སྦྱར་ཡིག་སོགས་ཀྱི་ལམ་ནས་ཨིནསེ་ཁན་ཊར་མཆོག་ལ་ཐུགས་རྗེ་ཆེ་ཞུའི་རྣམ་འགྱུར་སྟོན་ཐུབ་པ་བྱུང་ཡོད།

རྩེད་འགྲན་སྐབས་དམིགས་བསལ་སྐུ་མགྲོན་དུ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་རྒན་པ་སངས་ལགས་བཅས་ཆེད་ཕེབས་དང་། རྩེད་འགྲན་གྱི་བར་སེང་སྐབས་གཞོན་ལྷན་ཚོགས་གཙོ་མཆོག་ནས་སྐུ་ཞབས་ཁོང་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན་དུ། ཕྱི་རྒྱལ་མི་རིགས་ཞིག་ནས་སོ་སོའི་མཚན་སྙན་གྱིགནས་བབ་གློད་སྟོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བྱས་ཉེས་རྣམས་ཐེར་འདོན་དང་། རྒྱ་དམར་སྲིད་གཞུང་གིས་བརྩན་གནོན་གདུག་རྩུབ་འོག་མྱང་དང་། མྱོང་བཞིན་པའི་རྒྱལ་ཁབ་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། རང་རིགས་དམིགས་བསལ་ས་རཱ་སློབ་གཉེར་བ་རྣམས་ནས་རང་གི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་ཐད་མི་ཉམས་རྒྱུན་འཛིན་གནང་མུས་ཡིན་པར་ཡི་རངས་བསྔགས་བརྗོད་ཞུས་ཡོད་ན་ཡང་། དམིགས་བསལ་བཙན་བྱོལ་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་འཐབ་རྩོད་ཐད་ནུས་པ་མཉམ་སྤུངས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད། མཐར་ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་ནས་མཐུན་འགྱུར་རོགས་རམ་གང་ལེགས་གནང་བརཐུགས་རྗེ་ཆེ་ཞུདང་བཅས་ལས་འགུལ་དེ་བཞིན་ལམ་ལྷོང་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ཕྱིས་སུ་ལས་འགུལ་དེ་དག་གི་བརྙན་པར་ཕྱོགས་སྒྲིག་ཞུས་པ་དག་ཁོང་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་དུ་རྒྱུད་སྤེལ་ཡང་གནང་ཡོད།

རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་ཚོགས་འདུར་ཆེད་བཅར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོགཕྱི་ལོ་ ༢༠༢༡ ཟླ་ ༡༠ པའི་ཚེས་ ༢༠ ནས་ ༢༢ བར་ཉིན་གཉིས་རིང་ཡོ་རོབ་རྒྱལ་ཁབ་སུཝི་ཌེན་ (Sweden) དུ་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུ་ཡིས་སྐོང་ཚོགས་ཞུས་པའི་རྒྱལ་སྤྱིའི་ཚོགས་འདུར་ཆེད་བཅར་གྱིས། རྒྱལ་ཁབ་ཁག་ ༡༣ ཙམ་ནས་ཕེབས་པའི་ཚོགས་བཅར་བ་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་གཞོན་ལྷན་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་སྤེལ་གནང་མཛད་པ་དང་། ཉིན་གཉིས་བར་ཚོགས་གཙོ་མཆོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུ་ (International Union of Socialist Youth) དང་། (International Federation of Liberalist Youth) གཉིས་ནས་ཟུང་སྦྲེལ་གྱི་གོ་སྒྲིག་ཞུས་པའི་བགྲོ་གླེང་གཏམ་བཤད་ནང་མཉམ་ཞུགས་ཀྱིས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་སོགས་ཀྱི་ཐད་རྒྱལ་ཁབ་ ༢༤ ཙམ་གྱི་ཚོགས་བཅར་བ་ཚོར་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་ལྷན་ཐེངས་ ༥༠ པ་སྲུང་བརྩི།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༡ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཤོག་ངོས་ལྔ་ཅན་དེ་བཞིན་བོད་དབྱིན་གཉིས་ཐོག་ནས་གཞོན་ལྷན་དབུས་ས་ཡོངས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྒྲོག་སྦྱང་ཞུས་པ་དང་འབྲེལ་སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ ཉིན་སྲུང་བརྩི་ཞུ་འཆར་ཡིན་རུང་རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གི་གནས་སྟངས་རྐྱེན་པས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་སྲུང་བརྩི་ཞུས་ཏེ་མཛད་སྒོ་དངོས་གཞི་དེ་བཞིན་ལོ་འཁོར་གཅིག་ཕར་འགྱང་མ་ཞུ་ཐབས་མེད་བྱུང་ཡོད། འདི་ལོ་ཡང་རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མེད་པར་ཛ་དྲག་ངང་གནས་མུས་ཡིན་པར་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ ༥༠ དུས་དྲན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་དུས་རིམ་པར་ཐག་གཅོད་བྱུང་བ་བཞིན་གཞོན་ལྷན་གྱི་ ༥༠ དུས་དྲན་དེ་བཞིན་སྔར་ལོའི་འཆར་གཞི་གཞིར་བཟུང་སྲུང་བརྩི་ཞུ་ཐབས་མེད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ པ་དང་སྟབས་བསྟུན་གྱིས་རྒྱ་བལ་གཉིས་ཀྱི་ནང་གནས་བཞུགས་དབུས་རྒྱུན་ཟུར་པ་རྣམས་ཀྱི་ཆེད་དུ་བཞུགས་སྒར་ཨིན་ཕྰི་རལ་ (Imperial Height Clark’s Inn Hotel) གསོལ་མགྲོན་ཁང་དུ་ཚོགས་གཏན་ཁེལ་བ་བཞིན་དུས་དྲན་སྲུང་བརྩི་ཞུས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ ༥༠ དུས་དྲན་གྱི་མཛད་སྒོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་མགྲོན་གཙོ་བོར་ཕེབས་རྒྱུའི་ཞལ་བཞེས་ཐོབ་ཡོད་ན་ཡང་། ཛ་དྲག་གི་ལས་དོན་དང་། འོས་བསྡུའི་སྒྲིག་གཞི་སོགས་ཀྱི་རྐྱེན་པས་ཕྱིར་འཐེན་གནང་དགོས་བྱུང་དོན་བཞིན་མགྲོན་གྱི་གཙོ་བོར་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀི་ཤན་ཀ་པུར་ (Shri Kishan Kapoor) མཆོག དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་གྱི་གྲས་དང་གཞོན་ལྷན་ཚོགས་གཙོ་ཟུར་པ་སྐུ་ངོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག དམིགས་བསལ་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨར་ཇིཊ་ནེ་རི་ཡ་ (Shri Arjit Nehria) མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟར་པ་རྣམ་པ། སྐུ་མགྲོན་དུ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དགོན་སྡེ་དང་སློབ་གྲྭ་ཁག་གི་འགན་འཛིན་བཅས་གདན་ཞུས་ཀྱིས་དུས་དྲན་མཛད་སྒོ་དབུ་འཛུགས་གནང་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པ། གཞོན་ལྷན་ལས་ཐོག་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་ཚོགས་བཅར་བ་ཡོངས་ཀྱི་སེར་འཕྲེང་དང་བཅས་གདན་ཞུས་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམ་པ། གཞོན་ལྷན་ལས་ཐོག་ཚོགས་གཙོ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཎྜལ་རྟེན་གསུམ་གྱི་མཆོད་པ་འབུལ་གནང་མཛད་ཡོད། དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་རྔ་རོལ་དང་སྦྲགས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་ཚང་མ་སྐུ་བཞེངས་གནང་མུས་ཐོག་བོད་རྒྱལ་ཁབ་ཀྱི་རང་བཙན་སླར་གསོ་དང་། བོད་མི་རིགས་ཀྱི་བདེན་དོན་ཆེད་རང་སྲོག་ཚུན་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་དང་མཛད་རྗེས་ལ་གུས་བཀུར་རྗེས་དྲན་ཆེད། མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་མཛད་རིམ་གཙོ་སྐྱོང་གིས་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས།

མཛད་རིམ་གྱི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་གྱི་གྲས་སྐུ་མགྲོན་གཙོ་བོ་སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་དང་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཊ་ནེཧ་རི་ཡ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་སུ་སྐུ་ཐང་འབུལ་བཞེས་དང་། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་དང་དུས་དྲན་གྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་ཡོད།

དེ་རྗེས་མགྲོན་གྱི་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ ༥༠ དུས་དྲན་ལ་དམིགས་ཏེ་རྩོམ་སྒྲིག་གནང་བའི་དཔེ་དེབ་ ༼བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས། ༽ དང་། ༼བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་རིམ་པའི་གྲོས་གཞི་གྲོས་ཆོད་ཕྱོགས་བསྒྲིགས།༽ དེ་བཞིན་ ༼བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་སོ་སོའི་དབུས་རྒྱུན་རིམ་པའི་ལོ་རྒྱུས་ཕྱོགས་བསྒྲིགས།༽ བཅས་དབུ་འབྱེད་གནང་ཡོད་པ་མ་ཟད་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་རྣམས་ནས་རིམ་པར་བཀའ་སློབ་གསུང་བཤད་གནང་ཡོད།

སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་གྱི་གྲས་བཀའ་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་ནས་བོད་དུ་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་འོག་བོད་མི་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་སླད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་བཅས་པར་དགོངས་པ་བཞེས་དགོས་པ་དང་། འདིར་རང་དབང་ལུང་པའི་ནང་བོད་མི་ཉུང་ཤས་ཉུང་ཤས་ལས་མེད་ཀྱང་དེང་སྐབས་ནང་ཁུལ་རྙོག་གླེང་སྣ་ཚོགས་བྱུང་བ་ནི་ངོ་ཚ་དང་ཡིད་སྐྱོ་དགོས་པ་ཞིག་ཡིན་པ་དང་།  ལྷག་པར་ཕྱི་རྒྱལ་སྤྱི་སྒེར་ཁག་ནས་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཐད་བློ་ཚབས་ཡོད་ཅེས་གསུངས་པ་དག་ནི་དེ་ལས་ངོ་ཚ་དང་ཞབས་འདྲེན་ཆེན་པོ་རེད་ཅེས་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་སྐབས་ཀྱི་དམིགས་ཡུལ་བཞིན་ལས་འགུལ་མང་པོའི་ཁྲོད་ནས་སྲིད་དོན་གྱི་ལས་འགུལ་ནུས་པ་དང་ལྡན་པ་དེ་འདྲ་སྤེལ་ཡོད་པ། བོད་པའི་སྲིད་དོན་གྱི་ཚོགས་པ་ཞིག་ལ་ཆ་མཚོན་ནའང་དབུ་འབྱེད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་གསུང་བཤད་བཀའ་དྲིན་བསྩལ་གནང་མཛད་པ་ནི་ཕལ་ཆེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་མ་གཏོགས་ཡོད་པ་མ་རེད། དེར་རྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་སོགས་བཀའ་སློབ་གསུང་བཤད་གནང་ཡོད།

དེ་རྗེས་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་དོན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བར་དབུས་ས་གཉིས་ཀྱི་ཚོགས་བཅར་བ་ཚོར་འཚམས་འདྲི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བཙན་བྱོལ་ནང་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་སྐུ་ལས་སྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྐབས་དེར་ཁོང་ནས་མུ་མཐུད་གསུང་དོན་དུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་སར་བཙན་གཟུང་བྱས་པ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ད་བར་བོད་མི་ཁྲི་ཚོ་མང་པོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྐྲུན་ཐུབ་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ་སོགས་གསར་རྒྱག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། དེ་བཞིན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གདོང་རིས་ངོ་མ་དེ་བཞིན་འཛམ་གླིང་ལ་ཐེར་འདོན་བྱེད་ཐུབ་ཡོད་པ་དང་། བོད་མི་ཚོས་མུ་མཐུད་འཐབ་རྩོད་བྱས་ཏེ་བོད་ཀྱི་བདེན་མཐའ་མགྱོགས་ནས་མྱུར་དུ་སེལ་རྒྱུར་རེ་སྨོན་རྒྱག་གི་ཡོད་བཅས་གཏམ་བཤད་གནང་ཡོད།

དེ་རྗེས་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཊ་ནེ་རི་ཡ་ (Shri Ajit Nehria)  མཆོག་ནས་གཏམ་བཤད་སྤེལ་དོན་དུ། ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་དེ་བཞིན་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བར་དུས་དྲན་གྱི་འཚམས་འདྲི་ཞུས་པ་དང་སྦྲགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་ ༥༠ ཧྲིལ་པོའི་རིང་ལས་འགུལ་འདྲ་མིན་སྤེལ་གནང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དྲིལ་བསྒྲགས་གང་ལེགས་བྱས་ཐུབ་པར་ཡི་རང་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། གལ་ཏེ་གཞོན་ལྷན་ནས་དེ་ལྟར་ལས་འགུལ་མུ་མཐུད་སྤེལ་ཚེ་བོད་ཀྱི་བདེན་མཐའ་མགྱོགས་མྱུར་སེལ་རྒྱུར་ཡིད་ཆེས་ཡོད་བཅས་གསུངས་ཡོད། ད་དུང་ཁོང་ནས་བོད་ཀྱི་འཐབ་རྩོད་དེ་བཞིན་བོད་མིའི་བདེ་སྡུག་ཙམ་མ་ཡིན་པར་རྒྱ་གར་གྱི་བདེ་སྲུང་ལ་ཡང་རག་ལས་ཡོད་པ་དང་། དམིགས་བསལ་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་ཚད་མེད་བཏང་དང་གཏོང་མུས་ཡིན་པ་དེས། བོད་ཙམ་མིན་པར་ཨེ་ཤེ་ཡའི་རྒྱལ་ཁབ་གཙོས་པའི་འཛམ་གླིང་སྤྱི་ཡོངས་ལ་གྱོང་གུད་ཡོང་གཞི་ཡིན་པ་ཡང་གསལ་ཁ་བཏོན་གནང་ཡོད།

དེ་བཞིན་རྒྱ་ནད་ཏོག་དབྱིབས་རིམས་ནད་དེས་རྐྱེན་པས་འཛམ་གླིང་གིམི་མང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་བཞིན་ལོགས་སུ་འདོན་ཐབས་ (Isolate) བྱེད་བཞིན་ཡོད་མུས་སོང་། བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་གང་མང་སྤེལ་ཐབས་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ཚུལ་གྱི་གཏམ་བཤད་སྤེལ་བ་དང་སྦྲགས། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མཆོག་གི་ལས་དོན་བྱེད་ཕྱོགས་ལ་ཡང་ཡི་རངས་བསྔགས་བརྗོད་ཀྱིས་བོད་མི་གཞོན་སྐྱེས་རྣམས་ནས་མིག་དཔེར་འོས་པའི་ལས་དོན་གཉེར་བཞིན་ཡོད་པ་དེ་བཞིན་མུ་མཐུད་རྒྱུན་སྐྱོང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།

དམིགས་བསལ་སྐུ་མགྲོན་རྣམ་པའི་གསུང་བཤད་བཅས་དུས་དྲན་མཛད་སྒོའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་ཉིན་གུང་གསོལ་ཚིག་རྒྱས་པ་ཞིག་འདེགས་འབུལ་ཞུས། ཉིན་རྒྱབ་ཕྱག་ཚོད་གསུམ་ཙམ་རིང་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམ་པ་དང་གཞོན་ལྷན་ས་གནས་སྐུ་ཚབ་ཚོགས་བཅར་བའི་བར་གཞོན་ལྷན་གྱི་སྒྲིག་འཛུགས་སྲ་བརྟན་དང་འབྲེལ་བའི་ཐད་བགྲོ་གླེང་གོ་བསྡུར་གང་ལེགས་བྱུང་ཡོད་པ་དང་།

ཕྱི་ཉིན་ཚེས་ ༨ ནས་འགན་ལྷན་ཐེངས་ ༥༠ པ་དབུ་འཛུགས་ཀྱིས་གྲོས་གཞི་དོན་ཚན་ཁག་བཅུ་གཉིས་ཐོག་བགྲོ་གླེང་གོ་བསྡུར་ལྷུག་གླེང་གིས་གྲོས་ཆོད་དོན་ཚན་ཁག་ཉེར་བདུན་གཏན་འབེབས་ཐུབ་པ་བྱུང་། སྐབས་དེའི་འགན་ལྷན་ཐོག་གཞོན་ལྷན་ས་གནས་ཁག་ ༣༤ ནས་སྐུ་ཚབ་ཚོགས་བཅར་བ་གྲངས་ ༨༩ ཙམ་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༡༢ ཉིན་འགན་ལྷན་མཇུག་བསྡོམས་མཛད་སྒོ་དེ་བཞིན་ཨིམ་བྷི་རལ་གསོལ་མགྲོན་ཁང་རང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་(RSS)ཚོགས་པའི་རྒྱུན་ལས་སྐུ་ཞབས་ཨིན་དྷིར་ཤི་ཀུ་མར་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་པང་ཀ་ཇི་གྷོ་ཡལ་མཆོག་རྣམ་གཉིས་གདན་ཞུས་བཞིན་ཆེད་ཕེབས་ཀྱིས་བོད་དོན་དང་འབྲེལ་བའི་གལ་ཆེའི་གསུང་བཤད་གནང་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། འཕགས་བོད་འབྲེལ་འཐུད་ཚོགས་པ་ (Bharat Tibet Sahyog Manch) ཞེས་པ། དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་ངག་མེད་མགྲིན་ཚབ་ཚོགས་པ་ (Voice for the Voiceless) བཅས་གསུམ་མཉམ་འབྲེལ་ཐོག་ད་བར་བོད་ཕྱི་ནང་གཉིས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་སླད་ཁོང་རྣམ་པ་འདས་གྲོངས་སུ་ཕྱིན་པའི་ཟླ་ཚེས་གཞིར་བཟུང་གིས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུའི་ས་གནས་མི་འདྲ་བ་གྲངས་ ༡༢༧ ཙམ་ནང་ཁོང་རྣམ་པའི་ལོ་རྒྱུས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་རྒྱུའི་ལས་འགུལ་དངོས་སུ་འགོ་འཛུགས་ཀྱི་གསལ་བསྒྲགས་དང་བཅས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ས་གནས་ཁག་ ༤༠ ཙམ་ནས་སྐུ་ཚབ་ཕེབས་ཐུབ་པ་བྱུང་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་འཛིན་སྲིད་སྐྱོང་སྐུ་ཞབས་ (Rajendra Vishwanath Arlekar) མཆོག་དང་།

རྒྱ་གར་ཨར་ཨེསེ་ཨེསེ་(RSS)ཡི་ཚོགས་པའི་དབུ་ཁྲིད་རྒན་གྲས་སྐུ་ཞབས་ཨིན་དྷིར་ཤི་ཀུ་མར་རྣམ་གཉིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་སྲིད་སྐྱོང་གཙོས་པའི་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་གདན་ཞུས་ཀྱིས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་དང་། དགོང་དྲོའི་གསོལ་སྟོན་རྒྱས་པ་ཞིག་འདེགས་འབུལ་ཞུ་ཐུབ་པ་བྱུང་བ་དང་བཅས།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྔ་བཅུའི་དུས་དྲན་དང་འགན་ལྷན་ཐེངས་ ༥༠ པའི་ཚོགས་འདུ་བཅས་སྔ་ཕྱིའི་ལས་རིམ་ཁག་གེགས་མེད་ལྷུན་གྲུབ་བྱུང་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ ༥༠ དུས་དྲན།

Group Picture after the Golden Jubilee cultural show at TIPA Hall.

Back To Top