ནིའུ་ཡོག་དང་ནིའུ་ཇ་སི་ས་གནས་གཞོན་ལྷན་གྱི་རྒྱུན་ལས་གསར་འདེམས།

ནིའུ་ཡོག་དང་ནིའུ་ཇ་སི་ས་གནས་གཞོན་ལྷན་གྱི་རྒྱུན་ལས་གསར་འདེམས།

ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་གྲོས་ཆོད་དང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཐག་གཅོད་བཞིན་སྤྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་ས་གནས་གཞོན་ནུའི་འོས་བསྡུའི་གཙོ་སྐྱོང་དང་། ས་གཞོན་ཚོགས་ཟུར་ངག་དབང་མཐར་ཕྱིན་ལགས་དང་ཚོགས་ཟུར་བསྟན་འཛིན་སྐལ་ལྡན་ལགས་གཉིས་ནས་འོས་བསྡུའི་འགན་འཛིན་ལས་རོགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཡེ་ཤེས་སྒ་བ་ལགས་དང་། ས་གནས་ཆུ་སྒང་ཚོགས་གཙོ་གཡུང་དྲུང་བཀྲིས་ལགས། ས་གནས་དབུས་གཙང་ཚོགས་གཙོ་འཇིགས་མེད་ལགས། ས་གནས་མདོ་སྨད་ཚོགས་གཙོ་རྨོག་རུ་བསྟན་པ་ལགས་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་ཡི་སྐུ་ཚབ་ནས་འོས་གྲངས་ཞིབ་བཤེར་གྱི་ཟུར་དཔང་བཅས་གནང་སྟེ་སྐབས་བཅུ་བདུན་པའི་ས་གནས་གཞོན་ནུའི་རྒྱུན་ལས་འོས་འདེམས་ལེགས་པར་གྲུབ་པ་དང་། སྤྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༢ ཉིན་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་ལགས་དང་། འོས་བསྡུའི་འགན་འཛིན་ལས་རོགས་ས་གཞོན་ཚོགས་ཟུར་ངག་དབང་མཐར་ཕྱིན་ལགས། ལས་ཐོག་ས་གཞོན་ཚོགས་གཙོ་ལམ་བཟང་ལགས་བཅས་དབུ་བཞུགས་ཐོག་གསར་དུ་འདེམས་ཐོན་བྱུང་བའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་རྒྱུན་ལས་ལྷན་རྒྱས་ནས་གཞོན་ལྷན་སྒྲིག་གཞིའི་དམིགས་ཡུལ་འབྲུ་དོན་རྣམས་འགལ་མེད་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཞུ་སྒོར་ལྷག་བསམ་འབད་བརྩོན་ལྷོད་མེད་ཞུ་རྒྱུ་མཆོག་གསུམ་ལས་འབྲས་དཔང་འཕེར་གྱིས་ཁས་ལེན་དམ་འབུལ་ལེགས་པར་ཞུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

Back To Top