དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ།
ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༤ ཉིན་ནིའུ་ཡོག་ནིའུ་ཇ་སིའི་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དེར་གཞོན་ལྷན་དབུས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་། ཟུང་དྲུང་། རིག་གཞུང་འགན་འཛིན་བཅས་མཉམ་ཞུགས་གནང་ཡོད། སྐབས་དེར་སྤྱི་ཁྱབ་ཚོགས་གཙོ་ནས་མི་མང་ལ་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་རྗེས་རྒྱ་ནག་གཞུང་ཚབ་ནས་ཨན་བྷི་སིའི་(NBC)གསར་ཁང་གི་ལས་ཁུངས་བར་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་ཡོད།